[382A] ཨཱརྱ་ལོ་ཧ་དུཎྜེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྕགས་ ཀྱི་མཆུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ [382B]བྱོན་ནས་ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། ལྷ་མ་ཡིན་རྣམས་ནི། རབ་ཏུ་ལྷ་རྣམས་ཀྱི་ཡུན་རིང་བོའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་དྲན་པའི་ཆོས་བསྟན་དུ་གསོལ། འཛམ་བུའི་ གླིང་པའི་འཇིག་རྟེན་ཤཱཀྱ་ཐུབ་པའི་ཞིང་ཁམས་ན་མིར་གྱུར་པའི་སེམས་ཅན་རྣམས་ཀྱི་འཁོར་ན་དགེ་སློང་ཕ་དང། དགེ་སློང་མ་དང། དགེ་ཚུལ་ཕ་དང། དགེ་ཚུལ་མ་དང། དགེ་བསྙེན་ཕ་ དང། དགེ་བསྙེན་མ་དང། དམ་པའི་ཆོས་འཇིག་པ་ལ་སྲུང་བའི་ཐབས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ལྷའི་དབང་པོ། ཁྱོད་ཀྱིས་ལྕགས་ཀྱི་མཆུའི་གཟུངས། ཐམས་ཅད་སྐྲག་པར་བྱེད་པ། ལྷ་མ་ཡིན་ལ་ཐོག་སྨད་ལྔ་འབེབས་པ། འཇིག་རྟེན་གྱི་རིམས་ནད་ཞི་བར་བྱེད་ པ༑ འཇིག་རྟེན་ཐམས་ཅད་དུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། རྐང་མེད་པ་དང། རྐང་གཉིས་པ་དང། རྐང་བཞི་ཐམས་ཅད་རེངས་ [383A]༄༅། །པར་བྱེད་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། སྦྱིན་བྱེད་མའི་བུ་དང། ཤ་ཟ་དང། བརྗེད་བྱེད་དང། སྨྱོ་བྱེད་དང། འགྲོ་ བ་དྲག་ཤུལ་དུ་སྤྱོད་པ་རབ་ཏུ་འཇིག་པར་བྱེད་པ། འཐབ་པ་དང་རྩོད་པ་དང། འགྱེད་པ་དང། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འཕགས་པ་ལྕགས་མཆུ་འདི་ཟུངས་ ཤིག་ཐམས་ཅད་མི་འཇིགས་པའི་ལྕགས་ཀྱི་མཆུའི་གཟུངས་ཀྱི་སྔགས་བརྗོད་པར་བྱའོ། །ཏདྱ་ཐཱ། བ་ག་ཙ་ནི། ཤུ་ཏི་ཤུ་མ་ལི། ག་ཤ་ཤ་ཤ་ཏ་ཏ་བའི་ར་ཏི། ཧུ་ཡུ་ཧུ་ཡུ་རི་ཏི་སཱཧཱ་ རྒྱ་མཚོ་ལ་འབར་ལི་ཏི་གཏོར་རོ། །ཇི་ལྟར་འདོད་པ་འབབ་བོ། །ཀླུའི་གནས་སུ་ཕུར་བུ་ས་ཡ་བྱེ་བ་གྲངས་མེད་པ་བཟླས་ལ་ཀླུའི་གནས་སུ་བཏབ་ན། སེར་བ་དང། ཐོག་ཇི་ལྟར་འདོད་ པ་བཞིན་དུ་འབབ་བོ། །སརྦ་ནཱ་གཱ་ནཱཾ་ཨ་པ་བཱིརྱཱ་ཕོབ། ནཱ་ག་ཤར་ཤར་ཕོབ། ནཱ་ག་རཀྵ་ཕོབ། རི་ཙ་སྲི་བཛྲ་ཧཱུཾ་ཕཊ། དྲག་པོ་ཡུལ་ཁམས་ཀྱི་དགྲར་གྱུར་པ་ཟློག་པ། མེས་གཏོར་བའི་ ཐོག་སྨད་ལྔ་འབེབས་པ། ལྷའི་དབང་པོ་ཐམས་ཅད་ཟིལ་གྱིས་མནན་པའི་ལྕགས་ཀྱི་མཆུའི་གཟུངས་་དི་ལྷ་མ་ཡིན་རྨོངས་སུ་འཇུག་པ་འཁོར་རྣམ་བཞི་སྲུང་བ། ཐེག་པ་ཆེན་པོའི་ ཆོས་དགྲ་སྲུང་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷའི་དབང་པོ་བརྒྱ་བྱིན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་ [383B]། །།